ཡིག་གཟུགས་ཀྱི་ཀ་དཔེ་བློ་གསལ་མགུལ་རྒྱན།
སློབ་དེབ་བློ་གསལ་མགུལ་རྒྱན།
སློབ་དེབ་བློ་གསལ་མགུལ་རྒྱན་སྔོན་འགྲོ་ནས་འཛིན་གྲྭ་དགུ་པའི་བར་དེབ་
གྲངས་དྲུག་ཅུ་རེ་བརྒྱད།
དགེ་རྒན་ལག་དེབ་དེབ་གྲངས་གཅིག
དཀར་ཆག་གསལ་བའི་མེ་ལོང་དེབ་གྲངས་གཅིག
སློབ་དེབ་བློ་གསལ་མགུལ་རྒྱན་ངོ་སྤྲོད་དེབ་གྲངས་གཅིག༌བཅས་དེབ་གྲངས་
བདུན་ཅུ་དོན་གཅིག
ཤོག་གྲངས་ཆིག་ཁྲི་བརྒྱད་སྟོང་ཉིས་བརྒྱ་ལྔ་བཅུ་ང་གཉིས།
སློབ་དེབ་བློ་གསལ་མགུལ་རྒྱན་འཕྲུལ་དེབ་
ཏུ་བསྐྲུན་པའི་གསལ་བཤད།
༄༅།། རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཇིག་རྟེན་འདིའི་ཕན་བདེའི་
རྩ་བར་ཡུན་རིང་དུ་གནས་ཐུབ་མིན་ནི། དགེ་འདུན་པའི་སྡེ་རྣམས་སུ་བསྟན་འཛིན་
གྱི་སྐྱེས་བུ་ཚད་ལྡན་སྐྱེད་སྲིང་ལེགས་པར་མཛད་ཐུབ་མིན་ལ་རག་ལས་པར་སོང།
མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུའི་སོན་རྩར་གྱུར་པའི་ད་ལྟའི་རབ་བྱུང་ཕོ་མོ་
ན་གཞོན་རྣམས་ཀྱི་ཆེད་དུ་ནང་བསྟན་སྔོན་འགྲོའ་ིསློབ་གཉེར་ཁང་གང་མང་གསར་
འཛུགས་མཛད་དང་མཛད་བཞིན་ཡོད་ནའང། སྙིགས་དུས་ཀྱི་གནས་བབས་ངན་པའི་
ཤུགས་རྐྱེན་དབང་བཙན་པས་རབ་བྱུང་ཕོ་མོ་གཞོན་སྐྱེས་རྣམས་ལ་ཆོས་མཐུན་གྱི་
བག་ཆགས་ཟབ་མོ་གཏིང་ཟབ་བསྒོ་ཐུབ་དང་མ་ཐུབ་ཀྱི་དཀའ་ངལ་ཆེན་པོ་ཞིག་བོད་
ཕྱི་ནང་གང་སར་འཕྲད་བཞིན་པའི་རྐྱེན་རྩ་གཙོ་བོ་ཞིག་ནི། རབ་བྱུང་ཕོ་མོ་ན་གཞོན་
ཚོར་སྔོན་འགྲོའ་ིསློབ་སྦྱོང་ཚད་ལྡན་ཇི་ལྟར་སྤྲོད་དགོས་པའི་རྩ་འཛིན་ལམ་སྟོན་གྱི་
ཡིག་ཆ་གཏན་འབེབས་མེད་པ་དང། ནང་བསྟན་སྔོན་འགྲོའ་ིསློབ་གཉེར་ཁང་རྣམས་
ནས་ལག་བསྟར་གནང་རྒྱུའི་བསླབ་གཞི་ཁག་ཚད་ལྡན་གཅིག་གྱུར་མེད་པ་བཅས་ལ་
ཐུག་ཅིང། འདི་ལྟར་འཐུས་ཤོར་ཆེན་པོ་འགྲོ་བ་གཟིགས་བཞིན་དུ་འདི་མུར་སྣང་མེད་
འཇོག་པར་ཐུགས་ཀྱིས་མ་བཟོད་ནས། ༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་
ཀིརྟི་རིན་པོ་ཆེ་མཆོག་གིས་བོད་ཕྱི་ནང་གཉིས་དང། ཧི་མ་ལ་ཡའི་རི་རྒྱུད་སོགས་ཀྱི་
ཆོས་བརྒྱུད་རིས་མེད་ཀྱི་རབ་བྱུང་ཕོ་མོ་ན་གཞོན་སློབ་གཉེར་པ་རྣམས་ཀྱིས་སློབ་གཉེར་
མཛད་སྟངས་ཀྱི་ལམ་སྟོན་ལྟ་བུ་དང་སློབ་གཉེར་ཁང་རྣམས་ཀྱི་བསླབ་གཞིར་བཞག་
ཀྱང་འཇོག་འོས་པའི། སློབ་དེབ་བློ་གསལ་མགུལ་རྒྱན། ཞེས་བྱ་བའི་དེབ་ཕྲེང་འདི་དག་
ལོ་མང་རིང་སྐུ་ངལ་ཁྱད་བསད་ཀྱིས་རྩོམ་སྒྲིག་མཛད།
དེང་སྐབས་བོད་ཕྱི་ནང་གཉིས་ཀར་བོད་ཀྱི་སྐད་ཡིག་གི་གནས་ཚད་ལོ་རེ་
བཞིན་སྐྱོ་རུ་འགྲོ་བཞིན་པའི་རྐྱེན་རྩ་གཙོ་བོ་ཞིག་ནི། ཆུང་བྱིས་པའི་དུས་སུ་ཐོག་དང་
པོར་བོད་ཡིག་གི་སྦྱོར་ཀློག་རྒྱས་པ་སྒྲ་དག་གསལ་གསུམ་གྱིས་བྱང་ཆ་ཐོན་པའི་སློབ་
སྦྱོང་གཏིང་ཟབ་སྤྲོད་དགོས་པའི་སྔོན་གྱི་ལམ་སྲོལ་བཟང་པོ་དེ་ཉམས་དམས་སུ་ཕྱིན་
པ་དང། ན་གཞོན་སློབ་གཉེར་པ་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་སའི་
ཁོར་ཡུག་ཚད་ལྡན་ཞིག་མེད་པར་བརྟེན་བོད་སྐད་ཀྱི་མིང་ཚིག་གི་རྣམ་གྲངས་ཉུང་
ངུ་ཞིག་ལས་ཤེས་ཐུབ་ཀྱི་མེད་པའི་སྐྱོན་གནད་བཅས་ལ་གཙོ་བོར་ཐུག་པར་གཟིགས་
ནས། སྔོན་འགྲོའ་ིསློབ་དེབ་ཁག་ཏུ་བོད་ཡིག་གི་ཕྲལ་ཀློག་དང་སྦྱོར་ཀློག་ཤིན་ཏུ་རྒྱས་
པ་ཞིག་གསར་བསྒྲིགས་མཛད་པར་མ་ཟད། སྔོན་འགྲོའ་ིསྐབས་ནས་བཟུང་བོད་ཀྱི་བརྡ་
དག་རིག་པ་དང་མིང་ཚིག་གི་རྣམ་གྲངས་གསར་རྙིང་གང་མང་ལེགས་པར་མཁྱེན་ནས་
མིང་ཚིག་གི་དོན་དང་དག་ཆའང་མ་ནོར་བ་རང་བཞིན་གྱིས་ཤེས་ཐུབ་པའི་ཐབས་ལམ་
གཙོར་འདོན་མཛད་ཡོད་པས། ན་གཞོན་དགེ་འདུན་པ་རྣམས་ཀྱིས་སྔོན་འགྲོའ་ིསློབ་
དེབ་འདི་དག་གི་རིམ་པ་མ་འཆོལ་བར་སློབ་སྦྱོང་མཛད་ཐུབ་ཚེ། འདིར་བོད་ཀྱི་སྐད་
ཡིག་གི་རྨང་གཞི་བརྟན་པོ་འཇོག་ཐུབ་པའི་སློབ་སྦྱོང་སྤྲོད་སྟངས་ཀྱི་ཁྱད་ཆོས་དམིགས་
བསལ་བ་ཞིག་ལྡན་ཡོད།
སློབ་ཚན་ནི། བརྡ་སྤྲོད་དང། སྙན་ངག། རྒྱལ་རབས། ལོ་རྒྱུས། ཆོས་འབྱུང་།
རྣམ་ཐར། ནང་པའི་ལྟ་གྲུབ། ཚད་མ་རིག་པ། དེང་དུས་ཀྱི་ཚན་རིག་གི་སྔོན་འགྲོ། ཟུར་
བཀོལ་སློབ་དེབ་ཤེས་བྱའི་བང་མཛོད། བློ་འཛིན་གྱི་སློབ་དེབ། ཡིག་གཟུགས་ཀྱི་ཀ་དཔེ།
ཡིག་གཟུགས་སྦྱང་དེབ་བཅས་སློབ་དེབ་འགོ ་མ་ལས་གོང་མ་རྣམས་རིམ་བཞིན་རྒྱ་ཇེ་
ཆེ་དང་གཏིང་ཇེ་ཟབ། གང་ཤེས་པ་རྣམས་ཤ་འཇགས་རུས་འཇགས་ཡོང་བའི་ཆེད་དུ་
དམིགས་ཡོད་ལ། བོད་ཕྱི་ནང་གི་གནའ་དེང་གི་མཁས་པ་བརྒྱ་ཕྲག་ལྷག་གི་གསུང་རྩོམ་
དག་སློབ་ཚན་དུ་བདམས་བསྒྲིགས་མཛད་ཡོད།
སློབ་དེབ་འདི་དག་ཏུ་འཆར་འགོད་མཛད་པའི་སློབ་ཚན་གྱི་རིམ་པ་ལྟར་སློབ་
སྦྱོང་མཐིལ་ཕྱིན་པར་མཛད་ན་བོད་ཀྱི་ཐུན་མོང་བའི་རིག་གནས་སྤྱིའི་མཁྱེན་རྒྱ་ཆེ་རུ་
འགྲོ་བར་མ་ཟད། ནང་པའི་ལྟ་གྲུབ་དང། ཚད་མ་རིག་པའི་གཞུང་ལུགས། ལྷག་པར་
དགེ་འདུན་པས་ངེས་པར་མཁྱེན་དགོས་པ་བོད་ཀྱི་ནང་ཆོས་དང་དམིགས་བསལ་གྱིས་
འབྲེལ་བའི་སྤྱིར་བཏང་གི་ཤེས་བྱའི་རིགས་སྣ་ཚོགས་སློབ་ཚན་དུ་འཇོག་གནང་མཛད་
ཡོད་པས། དགེ་འདུན་པའི་ཤེས་ཡོན་སྤྱིའི་རྨང་གཞི་བརྟན་པོ་ཞོག་པའི་སྒོ་ནས་གཞུང་
ཆེན་མོའ་ིསློབ་སྦྱོང་གི་ལམ་དུ་འཁྲིད་ཐུབ་པའི་དམིགས་ཚད་བཟུང་སྟེ། དགེ་འདུན་
པ་ན་གཞོན་ཕོ་མོ་རྣམས་བསྟན་འཛིན་གྱི་སྐྱེས་བུར་སྐྱེད་སྲིང་མཛད་པར་ཕན་ནུས་
དམིགས་བསལ་ཅན་འབྱུང་བའི་ཐུགས་རེ་མཛད་ཡོད།
དེ་བཞིན་དུ་ལུགས་གཉིས་ཀྱི་ལེགས་བཤད་དང། སྒྲུང་གཏམ་དང་འབྲེལ་བའི་
བསླབ་བྱ་མང་པོ་ཞིག་ཞར་བྱུང་གི་ཚུལ་དུ་བཀོད་པ་འདིས། ན་གཞོན་སློབ་གཉེར་པའི་
བསམ་བློའ་ིའཁྱེེར་སོ་དང་ལུས་ངག་གི་ཀུན་སྤྱོད་ལ་གོམས་གཤིས་བཟང་པོའ་ིབག་
ཆགས་གཏིང་ཟབ་འཇོག་ཐུབ་པའི་ཐབས་ཤེས་མཛད་ཡོད།
མིའི་རང་བཞིན་ལྷན་སྐྱེས་ཀྱི་ནུས་པ་ལ་བརྟེན་པའི་ལག་རྩལ་མང་པོ་ཞིག་
ཉམས་རྒུད་ནས་ཤུལ་མེད་དུ་འགྲོ་བའི་ཉེན་ཁ་ལས་སྐྱོབ་ཐུབ་པའི་ཆེད་དུ། བོད་ཀྱི་ཐུན་
མོང་མ་ཡིན་པའི་རི་མོ་དང། དེང་དུས་ཀྱི་འདྲ་རིས་འབྲི་སྟངས་ཀྱི་དཔེ་རིས་སྣ་ཚོགས་
ཕྱོགས་བསྒྲིགས་མཛད་ཡོད་པས། བཟོ་རིག་པ་ལ་བརྟེན་པའི་ལག་རྩལ་དང་སྲོལ་རྒྱུན་
གྱི་མཛེས་རྩལ་མང་པོ་ཞིག་ན་གཞོན་དུས་སུ་སློབ་སྦྱོང་གི་ཞོར་ལ་མཁྱེན་ཐུབ་པའི་
དམིགས་ཚད་བཟུང་བར་མ་ཟད། ཡིག་གཟུགས་དགེ་རྒན་ལེགས་པོ་ཞིག་གལ་སྲིད་
མ་འབྱོར་ནའང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡིག་གཟུགས་ཀྱི་མཛེས་རྩལ་མ་དཔེ་ལ་
བལྟས་ནས་སློབ་ཐུབ་པ་ལྟ་བུའི་ཡིག་གཟུགས་ཀྱི་མ་དཔེ་ཚད་ལྡན་དག་ཕྱོགས་བསྒྲིགས་
མཛད་ཡོད་ལ། ཡིག་གཟུགས་ཀྱི་སྦྱང་དེབ་ཀྱང་ལྷན་སྦྱར་མཛད་ཡོད།
སློབ་དེབ་བློ་གསལ་མགུལ་རྒྱན་དེབ་ཕྲེང་དྲུག་ཅུ་རེ་བརྒྱད་ཀྱི་བདག་ཉིད་ཅན་
འདི་དག་ནི་དགོན་སྡེ་ཁག་ཁོ་ནའི་སྦྱང་གཞི་ཙམ་མ་ཡིན་པར་ཁྱིམ་པ་ཕོ་མོའ་ིསྦྱང་
གཞིར་ཡང་འསོ ་པ་ཡིན་ཏེ། རབ་ཏུ་བྱུང་བ་རྣམས་ཀྱིས་དམིགས་བསལ་སྦྱང་དགསོ ་པའི་
སློབ་ཚན་ཉུང་ཤས་ཤིག་མ་གཏོགས། སློབ་ཚན་གཞན་ཐམས་ཅད་བོད་ཀྱི་སྐད་ཡིག་དང་
རིག་གཞུང་གི་རྨང་གཞིའི་ཤེས་ཡོན་སྤྱི་ལ་ཁྱབ་པ་ཞིག་མཛད་ཡོད་པར་བརྟེན། བོད་ཀྱི་
ཆོས་དང་རིག་གཞུང་ལ་སློབ་སྦྱོང་གཏིང་ཟབ་གནང་འདོད་ཡོད་པའི་མི་སྐྱ་ཕོ་མོ་དང་
ཕྱི་རྒྱལ་པ་ཚོས་ཀྱང་སློབ་དེབ་འདི་གཞུང་ཆེན་མོའ་ིསྔོན་འགྲོའ་ིསློབ་སྦྱོང་གི་ཚུལ་དུ་
སྦྱངས་པ་མཛད་ན། བོད་ཀྱི་སྐད་ཡིག་གི་གནས་བབས་ཚད་ལོངས་པ་ཞིག་ཏུ་གྱུུར་ཏེ།
བོད་ཀྱི་ཆོས་དང་རིག་གཞུང་ལ་གཏིང་ཟབ་ས་ནས་སློབ་སྦྱོང་མཛད་པའི་དུས་སུ་ཕན་
ཐོགས་འབྱུང་བའི་ཐུགས་རེ་ཡང་མཛད་ཡོད།
ད་ལྟའི་ཆར་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་གི་དཔེ་ཁྲིད་ཀྱི་དགེ་རྒན་
དང་ནང་བསྟན་སྔོན་འགྲོའ་ིསློབ་གཉེར་ཁང་གི་དགེ་རྒན་མང་ཆེ་བས་དེང་རབས་
ཀྱི་དགེ་རྒན་འསོ ་སྦྱོང་མཛད་མྱོང་མེད་པར་བརྟེན། དགེ་རྒན་གྱི་ལག་དེབ་ལམ་སྟོན་
གསལ་བའི་སྒྲོན་མེ། ཞེས་པ་འདིས་གཞུང་ཆེན་མོ་ནས་གསུངས་པའི་དགེ་བའི་བཤེས་
གཉེན་གྱི་མཚན་ཉིད་རྣམས་དེང་དུས་ནུབ་ཕྱོགས་པའི་དགེ་རྒན་གྱི་ལམ་ལུགས་དང་ཁ་
སྦྱར་ནས་ཉིན་རེའི་འཛིན་གྲྭའི་ནང་ཕྱག་ལེན་དུ་བསྟར་ཕྱོགས་ཞིབ་ཅིང་ཕྲ་བར་ངོ་སྤྲོད་
མཛད་ཡདོ ་པས། དགེ་རྒན་གྱི་འསོ ་སྦྱངོ ་ཐབོ ་མ་མྱངོ ་མཁན་ཞིག་གིས་དགེ་རྒན་གྱི་ལག་
དེབ་འདིར་སློབ་སྦྱོང་གནང་སྟེ་ལག་བསྟར་མཛད་ན། སློབ་ཚོགས་སྐྱོང་སྟངས་དེ་དེང་
དུས་དང་མཐུན་ཞིང། ལག་ལེན་དམར་ཁྲིད་ཀྱི་སྒོ་ནས་དངོས་སུ་དགེ་རྒན་འསོ ་སྦྱོང་
གཏིང་ཟབ་བྱས་པ་ལྟ་བུའི་སློབ་ཁྲིད་མཛད་སྟངས་ཀྱི་ཐབས་ལམ་སྣ་ཚོགས་མཁྱེན་ཐུབ་
པའི་ཁྱད་ཆོས་ཡོད་ལགས་པ་བཅས།
མདོར་བསྡུས་ན། སྐུ་ཚེ་ཧྲིལ་པོར་བོད་རིག་པའི་སློབ་སྦྱོང་ཐོག་མཛད་འགན་
རྒྱ་ཆེར་བཞེས་མཁན་གྱི་མཁས་དབང་སོགས་སློབ་ཁྲིད་དང་འབྲེལ་ཡོད་གཞུང་སྒེར་
མཁས་པ་མང་པོ་ཞིག་གིས་སྤྱིར་བོད་ཀྱི་སྐད་ཡིག་གི་གནས་ཚད་གཏིང་ཟབ་ས་ནས་
ཡར་རྒྱས་འགྲོ་བ་ལ་བསླབ་གཞིའི་སློབ་དེབ་བློ་གསལ་མགུལ་རྒྱན་འདི་ལྟ་བུ་མེད་དུ་
མི་རུང་བ་ཞིག་ཡིན་པ་དང། ལྷག་པར་དུ་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་སྐྱེད་སྲིང་
མཛད་པ་ལ་སློབ་དེབ་འདི་ཉེ་བར་མཁོ་བའི་དུས་ཐོག་ཆར་པའི་ངང་ཚུལ་དུ་གྱུར་འདུག་
ཅེས་བསྔགས་བརྗོད་ཀྱིས་གདེང་འཇོག་ཆེན་པོ་མཛད་བཞིན་ཡོད།
ད་ལམ་སློབ་དེབ་བློ་གསལ་མགུལ་རྒྱན་འདི་འཕྲུལ་དེབ་ཏུ་པར་འགྲེམས་བྱ་
དགོས་པའི་རྒྱུ་མཚན་ནི། བོད་ཀྱི་སྐད་ཡིག་ལ་གཏིང་ཟབ་ས་ནས་སློབ་གཉེར་གནང་
འདོད་ཡོད་མཁན་གྱི་ཕྱི་ནང་མི་རིགས་ཡོངས་ལ་ཕན་ཐོགས་རྒྱ་ཆེ་ས་ནས་བསྐྲུན་པའི་
ཆེད་དང། ལྷག་པར་སློབ་གཉེར་པ་གཞོན་སྐྱེས་ཚོའི་ནང་ཤོག་ཐོག་ཏུ་པར་བསྐྲུན་
བྱས་པའི་དཔེ་དེབ་ལས་འཕྲུལ་དེབ་ལ་བརྟེན་ནས་སློབ་སྦྱོང་བྱེད་མཁན་མང་བ་དང།
སྟབས་བདེ་བ། གནས་དུས་གང་དུ་རང་གཞན་སུ་ལ་དགོས་ཀྱང་ལམ་སེང་གཟིགས་
ཆོག་ཡོད་པའི་དགེ་མཚན་ཆེ་བར་བརྟེན། སློབ་དེབ་བློ་གསལ་མགུལ་རྒྱན་འདིས་འགྲོ་
དོན་རྒྱ་ཆེར་ཡོང་བའི་ཆེད་དུ་དམིགས་ནས་ད་ལམ་འཕྲུལ་དེབ་ཀྱི་ལམ་ནས་པར་བསྐྲུན་
གྱིས་རིན་མེད་དུ་འགྲེམས་སྤེལ་ཞུས་པར་མ་ཟད། དགོས་མཁོ་ཅན་ཚོས་གང་འདོད་
ཀིརྟིའི་དགེ་རྩ་ཚོགས་པའི་ཁ་བྱང།