བོད་ཡིག་སྔོན་འགྲོའི་སློབ་དེབ།”

བོད་ཡིག་སྔོན་འགྲོའི་སློབ་དེབ།

Order Hard Copy | ཉོ། དེབ་ཉོ།

“བོད་ཡིག་སྔོན་འགྲོའི་སློབ་དེབ།”ཅེས་པའི་དེབ་གསར་པ་ཞིག་ངོ་སྤྲོད་ཞུ་རྒྱུ་ཡིན། དེབ་འདི་ནི་ངའི་བུ་ལོ་གསུམ་ཅན་ལ་བོད་སྐད་བསླབ་རྒྱུའི་ཆེད་དུ་བྲིས་པ་ཞིག་རེད།

དེབ་འདིའི་ཁྱད་ཆོས་གཙོ་བོ་ནི།
༡ ཕྲུ་གུ་ཚོས་བོད་ཡིག་ཤེས་སླ་བའི་ཆེད་དུ་དབྱངས་དང་གསལ་བྱེད་ལ་མཚོན་མདོག་འདྲ་མིན་དང།
༢ ཡང་རི་མོའི་དབྱིབས་དང་མཚོན་མདོག་ལ་བརྟེན་ནས་མིང་ཚིག་ཤེས་སླ་ཐབས་བཟོས་ཡོད།
སློབ་དེབ་འདི་དེབ་གཟུགས་སུ་དགོས་མཁོ་མཆིས་ཚེ་དྲྭ་རྒྱ་་་་་་་་་་་་་་་་་་འདིའི་རྒྱུད་ནས་མངགས་ཉོ་དང།

ཡང་ན་འཕྲུལ་དེབ་དགོས་ན་གློག་རྡུལ་འཕྲུལ་དེབ་ཁང་གི་དྲ་ཚིགས་བརྒྱུད་ནས་རིན་མེད་ཕབ་ལེན་གནང་།

མཐའ་དོན་དུ། ང་ཚོའི་སྐད་ཡིག་ནི་མ་འོངས་པར་ད་ལྟའི་ཕྲུ་གུ་ཚོའི་ལག་ཏུ་ཡོད་ཕྱིར་། ཕ་མ་ཚོས་ཕྲུ་གུར་བོད་སྐད་བསླབ་རྒྱུར་འབད་བརྩོན་གནང་རྒྱུ་དེ་རེད།
དེབ་འདིས་བོད་ཀྱི་སྐད་ཡིག་རྒྱུད་འཛིན་ལ་ཞབས་འདེགས་ཕྲན་བུ་ཞུ་ཐུབ་པའི་རེ་བ་ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།