ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། པོད། ༢

ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། པོད། ༢

Compendium Views and Tenets of Buddhist Science Part 2

༄༅། །རྒྱ་ཆེའི་ཀློག་པ་པོ་རྣམ་པའི་སྙན་ལམ་དུ་ཞུ་རྒྱུར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མཐའ་བར་གསུམ་དུ་ཐུགས་རེ་ཆེན་པོས་ལམ་སྟོན་ཟབ་མོ་དུས་ནས་དུས་སུ་ཕེབས་པའི་བཀའ་དྲིན་ལས། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་པོད་དང་པོ་གཉིས་ལེགས་པར་གྲུབ་སྟེ་རྒྱལ་ས་ལྡི་ལིར་པར་བསྐྲུན་གྱིས་རྒྱ་ཆེའི་དོན་གཉེར་ཅན་དག་གི་གཟིགས་ལམ་དུ་འགྲེམས་སྤེལ་ཞུས་ཟིན་པ་ལགས་མོད། 
དེབ་འདི་ཉིད་འཛམ་གླིང་ཡིག་རིགས་དུ་མའི་ཐོག་ཕབ་སྒྱུར་བྱེད་བཞིན་ཡོད་པས་པར་རྩའང་ཕྱོགས་ཡས་མས་དུ་མར་བཀྲམ་ཡོད་ཅིང་ལས་གཞི་རྒྱ་ཆེ་བའི་ཀློང་ནས་པར་སྐྲུན་གྱི་སྦྱོར་དངོས་མཇུག་གསུམ་ལེགས་པར་མ་གྲུབ་གོང་དྲ་ལམ་དུ་འཁྱར་འདུག་པའི་དེབ་དེ་དང། དཔར་སློག་བརྒྱབ་པའི་དེབ་དེ་དག་གི་དབུར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེད་དུ་སྩལ་པའི་ནང་པའི་གཞུང་གི་བརྗོད་བྱ་ལ་སྡེ་ཚན་གསུམ་དུ་དབྱེ་ཚུལ་དང།  དེང་གི་དུས་སུ་དེབ་འདི་ལྟ་བུ་ཞིག་སྒྲིག་དགོས་པའི་དམིགས་ཡུལ་སོགས་ལས་བརྩམས་པའི་སྔོན་གླེང་བཀའ་རྩོམ་གནད་འགག་ཤིན་ཏུ་ཆེ་བ་དེའང་བཀོད་མི་འདུག་པ་ནི། རྣམ་པ་གཅིག་ཏུ་ན་དགོས་དབང་ལྟ་བུའང་ཡིན་སྲིད་མོད་ཀྱི། བཀའ་རྩོམ་དེ་ནི་དེབ་འདི་ཉིད་ཀྱི་རྒྱབ་ལྗོངས་དང་བརྗོད་བྱའི་གལ་གནད་ཞིབ་རྒྱས་སུ་སྟོན་པའི་སྡོམ་ཆེན་པོ་ཞིག་ལགས་པས་དེབ་འདི་ཉིད་ཀྱི་དབུར་མ་བཀོད་ཚེ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་དགོས་མཁོ་ཆ་ཚང་སྐོང་མི་ཐུབ་པར་མཐོང་སྟེ། ད་ལམ་གུས་རྩོམ་སྒྲིག་པ་རྣམས་ནས་དཔར་ཐེངས་དང་པོའི་དེབ་གཉིས་ཀྱི་ནང་ཡིག་ནོར་རེ་ཟུང་འདུག་པ་ནོར་བཅོས་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་རྩོམ་དེ་ཉིད་དེབ་ཀྱི་དབུར་རང་འཇགས་བཞུགས་སུ་གསོལ་ཐོག དཔར་ཐེངས་དང་པོའི་ནོར་བཅོས་རེའུ་མིག་ལྷན་དུ་བཀོད་དེ་འཕྲུལ་དེབ་ཏུ་བསྐྲུན་ཅིང། རྒྱ་ཆེའི་དོན་གཉེར་ཅན་དག་གི་ཐུགས་མཁོ་སྐོང་ཐུབ་པའི་རེ་བས་ཀུན་ནས་བསླངས་ཏེ་ཡོངས་ཁྱབ་ཏུ་འགྲེམས་སྤེལ་ཞུས། 
དེབ་འདི་ཉིད་ཀྱི་པར་དབང་དགའ་ལྡན་ཕོ་བྲང་ལ་ཡོད་པས་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་བཀའ་འཁྲོལ་ཞུས་ཐོག་བསྐྱར་དཔར་བྱེད་རིགས་རྣམས་ལ་དགའ་བསུ་ཞུ།  ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་ནས་བོད་རབ་བྱུང་བཅུ་བདུན་པའི་ཤིང་རྟ་ལོའི་གྲོ་བཞིན་ཟླ་བའི་གྲལ་ཚེས་ ༡༡ ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༥ ལ།
View Details

འཕྲུལ་དེབ་འདམ་ག